ཐོབ་ཐང་། | འདྲ་མཉམ། | སྲུང་སྐྱོབ་།

དབྱར་རྩྭ་དང་འབྲེལ་བའི་ཁྲིམས་ལུགས། (༡)

[caption id=”” align=”alignright” width=”285”]Image result for དབྱར་རྩྭ་དགུན་འབུ དབྱར་རྩྭ་བརྐོ་བ།[/caption]

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྤྲིངས་བའི་ཞུ་མཆིད།

དེང་སང་བོད་པ་རྣམས་ལ་ཕྱི་བསྐྱོད་ལམ་ཡིག་བཟོ་སྐབས་དཀའ་ངལ་སྣ་ཚོགས་འཕྲད་ཀྱིན་ཡོད། དཀའ་ངལ་དེ་དག་སེལ་བའི་ཆེད་དུ། དྲ་ལམ་ཐོག་ཏུ་རྒྱ་བོད་ཡིག་གི་སྟེང་ནས་བསམ་འཆར་ཡི་གེ་འདི་འདྲ་ཞིག་འདུག བསམ་འཆར་ཡི་གེ་འདི་ཕྱི་བསྐྱོད་ལམ་ཡིག་གི་དཀའ་ངལ་སེལ་བ་ལ་ཕན་ཐོགས་ཡོད་སྙམ་ནས་འདིར་བཞག་པ་ཡིན། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཀྱི་ཁྲིམས་ལྟར་ན།ས་གནས་སྲིད་གཞུང་གིས་ཁྲིམས་དང་མི་མཐུན་པའི་ཡིག་ཆ་བཟོས་ནས་སྤྱི་དམངས་གི་འགྲོ་བསྐྱོད་ཀྱི་ཐོབ་ཐང་ལ་གནོད་པ་ཐེབས་ཚེ། ཡིག་ཆ་དེ་དག་ནུས་མེད་དུ་བཟོ་བའི་ཐབས་ལམ་གཅིག་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཡི་གེ་འབྲི་དགོས་ཞེས་བསམ་འཆར་ཡི་གེ་དེའི་ནང་དུ་དེ་ལྟར་བྲིས་ཡོད། ཚང་མས་དོ་སྣང་དང་བརྒྱུད་བསྐུར་གནང་རོགས།

ས་རྩོད་ཁྲོད་ཀྱི་ཉེས་དོན་འགན་ཁུར།

ས་རྩོད་ཆུ་རྩོད་ཀྱི་རྩོད་གཞི་རྐྱེན་བྱས་ཏེ། མི་དཔུང་ཁྱུ་སྒྲིག་བྱས་ནས་ཕར་ཚུར་འཛིང་སྟེ་མི་བསད་ཁྲག་སྦྱོར་གྱི་ནག་ཉེས་ཚབས་ཆེན་བྱུང་བའི་གནད་དོན་ལ་ཉེས་ཁྲིམས་ཀྱིས་གཏན་འཁེལ་དང་བཀག་འགོག་ཇི་ལྟར་བྱས་ཡོད་པའི་སྐོར་དྲ་ཐོག་ནས་དྲ་གྲོགས་ཁ་ཤས་ཀྱིས་དྲི་བ་ཞིག་དྲིས་བྱུང་།༢༠༡༠་ཡི་ལོར་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་མཛུབ་སྟོན་རང་བཞིན་ཅན་གྱི་གྱོད་དཔེ་ཞིག་སྤེལ་ནས། ས་རྩོད་སྐབས་ཀྱི་དཔུང་སྒྲིག་ནས་འཛིང་རེས་བྱས་པའི་གྱོད་གཞི་ལ་༼མི་དཔུང་ཁྱུ་བསྒྲིགས་ཀྱིས་འཛིང་རེས་བརྒྱབ་པའི་ནག་ཉེས་༽ཀྱི་གཏན་འཁེལ་ལྟར་བརྩད་ཞིབ་བྱེད་དགོས་ཞེས་ལམ་སྟོན་རང་བཞིན་ཅན་གཏན་འབེབས་བྱས་ཡོད་ཅིང་།

རོང་འབྲོག་ཁྱིམ་ཐོ་བརྗེ་ན་ཨེ་དྲག

ད་བར་བོད་ཁུལ་ན་ཞིང་ལས་ཁྱིམ་ཐོ་དེ་ས་གནས་སྲིད་གཞུང་གིས་ཕྱིར་སྡུད་བྱས་ཏེ། གྲོང་མིའི་ཁྱིམ་ཐོ་ལ་བཅོས་བསྒྱུར་བྱེད་བཞིན་འདུག ཁྱིམ་ཐོ་ལས་མཆེད་པའི་ཁྲིམས་ལུགས་ཤེས་བྱ་སྤེལ་བའི་ཆེད་དུ། གཤམ་དུ་རོང་འབྲོག་ཁྱིམ་ཐོ་བརྗེ་ན་ཨེ་དྲག་ཅེས་པའི་ཁྱབ་སྒྲག་ཡིག་ཆ་ཞིག་བཟོས། འབྲེལ་ཐོགས་ཡོད་པའི་རང་རིགས་ཞིང་བ་དང་འབྲོག་པ་རྣམས་ཀྱིས་གནད་དོན་དེ་ལ་དོ་སྣང་གནང་བར་འཚལ།

ས་རྩོད་བྱུང་ན་ཇི་ལྟར་བྱ།

[caption id=”” align=”alignleft” width=”174”]Image result for land disputes ས་རྩོད།[/caption]

དཔར་དབང་གི་སྟ་མོ་གཡུགས་ནས། རྩོམ་རིག་གི་སྲོག་ཤིང་མ་གཅོད།

[caption id=”attachment_1250” align=”alignleft” width=”226”] ཕྱི་གླིང་བའི་དག་སྣང་གི་རྗེ་མི་ལ།[/caption]

ཞིང་ཆེན་ནང་བསྟན་མཐུན་ཚོགས་ཞིག་ལ་བོད་བརྒྱུད་ནང་བསྟན་བཀག་འགོག་དོ་དམ་བྱེད་པའི་དབང་ཆ་མེད།།

ཉེ་ཆར་ཀྲེའུ་ཅང་ཞིང་ཆེན་གྱི་ནང་བསྟན་མཐུན་ཚོགས་ཀྱིས་ཀྲེའུ་ཅང་ཞིང་ཆེན་ཡོངས་རྫོགས་ནས་ཁྲིམས་འགལ་གྱིས་བོད་བརྒྱུད་ནང་བསྟན་སྤེལ་བ་ལ་བཀག་སྡོམ་དང་དོ་དམ་བྱེད་ཀྱི་ཡིན་ཞེས་བརྡ་སྦྱོར་ཞིག་སྤེལ་འདུག ཀྲེའུ་ཅང་ནང་བསྟན་མཐུན་ཚོགས་ཀྱི་བརྡ་སྦྱོར་དེ་ནང་དུ།བརྡ་སྦྱོར་དེ་ནི་ཏང་གི་ཆོས་ལུགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་ལ་གཞི་བཅོལ་ཞིང་། ཀྲེའུ་ཅང་ཞིང་ཆེན་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་བཀའ་བསྒོས་ལྟར་སྤེལ་བ་དང་།དམིགས་ཡུལ་ནི་ཆོས་ལུགས་དབར་གྱི་འཆམ་མཐུན་དང་། སྤྱི་ཚོགས་ཀྱི་འཆམ་མཐུན་ལ་སྲུང་སྐྱོབ་ཀྱི་ཆེད་ཏུ་ཡིན་ཟེར། དེས་ན་ཡིག་ཆ་དང་ཁྲིམས་དང་མཐུན་མིན་དང་། ཁྲིམས་ཀྱི་ནུས་བ་ཡོད་མེད། མང་ཚོགས་ཀྱིས་དེ་ལྟར་ལག་བསྟར་བྱེད་དགོས་སམ་མི་དགོས་བའི་སྐོར་ལ་རོབ་ཙམ་བཤད་པར་བྱ།ཐོག་མར་ཡིག་ཆ་དེ་ནི་ཏང་གི་ཆོས་ལུགས་སྲིད་ཇུས། རྒྱལ་ཁབ་ཀྱི་་ཁྲིམས་དང་མི་མཐུན་པའི་ཡིག་ཆ་ཞིག་ཡིན།

ཆེས་མཐའ་མཇུག་གི་སློབ་ཁྲིད།

བོད་བསྒྱུར། མཁའ་འགྲོ་རྒྱལ།

བརྙན་འཕྲིན་ལྔ་པ། ཉེས་ཆད་འགྱང་འཁུར་དང་བསྐྱར་བཤེར།

རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་གྱི་ཁྲིམས་ལུགས་མཚམས་སྦྱོར་བྱེད་པའི་མུ་འབྲེལ་འགུལ་རིས་གློག་བརྙན་ཆུང་ཆུང་འདི་ནི་༼ཁྱེད་ཀྱི་ཐོབ་ཐང་ཤེས་དགོས།༽ཟེར་བའི་ལས་གཞི་ཡི་ལས་དོན་རྣམ་གྲངས་ཤིག་ཡིན། བརྙན་ཆུང་འདི་ལ་ཁྱོན་བསྡོམས་ལེའི་ལྔའི་ནང་ནས་ལྔ་པ་ ཉེས་ཆད་འགྱང་འཁུར་དང་བསྐྱར་བཤེར་སྐོར་ཡིན། དྲ་གྲོགས་རྣམ་པ་དུས་ལྟར་ཁྲིམས་གླེང་གི་དྲ་ཚིགས་༼trimleng.cn༽ལ་ཕེབས་ནས་གློག་བརྙན་འདིར་གཟིགས་པར་སྤྲོ་བསམ་འཁོལ་བའི་ངང་ནས་དགའ་བསུ་ཞུ།

ཤྭ་ཡུ་མོ་ཤེའུ། བཀྲ་ཤིས་དབང་ཕྱུག་གང་ལ་བུད་ཐལ།

བརྙན་འཕྲིན་བཞི་པ། གོང་གཏུག་དང་ཡང་བཤེར།

རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་གྱི་ཁྲིམས་ལུགས་མཚམས་སྦྱོར་བྱེད་པའི་མུ་འབྲེལ་འགུལ་རིས་གློག་བརྙན་ཆུང་ཆུང་འདི་ནི་༼ཁྱེད་ཀྱི་ཐོབ་ཐང་ཤེས་དགོས།༽ཟེར་བའི་ལས་གཞི་ཡི་ལས་དོན་རྣམ་གྲངས་ཤིག་ཡིན། བརྙན་ཆུང་འདི་ལ་ཁྱོན་བསྡོམས་ལེའི་ལྔའི་ནང་ནས་བཞི་པ་ གོང་གཏུག་དང་ཡང་བཤེར་སྐོར་ཡིན། དྲ་གྲོགས་རྣམ་པ་དུས་ལྟར་ཁྲིམས་གླེང་གི་དྲ་ཚིགས་ལ་ཕེབས་ནས་གློག་བརྙན་འདིར་གཟིགས་པར་སྤྲོ་བསམ་འཁོལ་བའི་ངང་ནས་དགའ་བསུ་ཞུ།

ཁྲིམས་རིག་རླུང་འཕྲིན། ༼ ༦ ༽

རྒྱ་ནག་གི་གཏུག་བཤེར་གྱི་ཁྲིམས་ལུགས་དང་འཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ཀྱི་སྐོར། རྒྱ་ནག་གི་གཏུག་བཤེར་སྐོར་གྱི་ཁྲིམས་ལུགས་གསུམ་དང་། འཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཁྲིམས། འཛིན་སྐྱོང་གི་སྐོར་གྱི་ཁྲིམས། ལམ་ཡིག་གི་སྐོར་གྱི་ཁྲིམས་སོགས་མདོར་ཙམ་བཤད་ཡོད། ~audio སྐད་འཕྲིན་སྟེང་ནས་གསན་རོགས་མཛོད།

རྩ་ཁྲིམས་ཐད་ཀྱི་བཅར་འདྲི།

འདྲི་མཁན། སྟག་ལྷ་རྒྱལ།

ལན་འདེབས་མཁན། སྒྲོལ་མ་སྐྱབས།

༡   སྤྱིར་བཏང་གི་ཁྲིམས་ཀྱི་གོ་དོན་ནི་ཇི་ཞིག་ཡིན།

ལན། ཁྲིམས་ཟེར་ན་གོ་བ་ལེན་སྟངས་མི་འདྲ་བས་དབང་གིས་དེར་མཚན་ཉིད་འཇོག་སྟངས་ཡང་མི་འདྲ་བ་སྣ་ཚོགས་ཡོང་གི་ཡོད། ཤར་ནུབ་གྱི་རིག་གནས་དང་གནའ་དེང་གི་ལོ་རྒྱུས་ཀྱིས་བསྐལ་བ་ལས་ཁྲིམས་ལ་མཚན་ཉིད་མི་འདྲ་བ་མང་བོ་བཞག་ཡོད་པ་དེ་ནང་གི་ཐུན་མོང་གི་ཁྱད་ཆོས་ཕྱོགས་གཅིག་ཏུ་སྡོམ་ནས་བཤད་ན། ཁྲིམས་ནི་གང་ཟག་གི་སྤྱོད་ལམ་ཚོད་འཛིན་པའི་ཚངས་ཐིགས་ཤིག་ལ་གོ་བ་དང་། ཚངས་ཐིགས་དེ་ཡང་རྒྱལ་ཁབ་ཀྱི་དབང་ཆ་ལ་བརྟེན་ནས་བཟོས་ཤིང་། རྒྱལ་ཁབ་ཀྱི་དབང་དྲག་ཀྱང་ཚངས་ཐིགས་དེའི་རྒྱབ་རྩ་རུ་བསྡད་པ་ཞིག་ཡིན་དགོས། ཁྲིམས་ཀྱི་བརྗོད་བྱ་གཙོ་བོ་ནི་སྤྱི་དམངས་ཀྱི་ཐོབ་ཐང་དང་འོས་འགན་གཙོ་བྱས་ཏེ་བཀོད་ཡོད་པ་དེ་འདྲ་ཞིག་ལ་གོ་དགོས་བར་སྙམ།

བརྙན་འཕྲིན་གསུམ་པ། འཛིན་བཟུང་དང་ཁྲིམས་བཤེར།

རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་གྱི་ཁྲིམས་ལུགས་མཚམས་སྦྱོར་བྱེད་པའི་མུ་འབྲེལ་འགུལ་རིས་གློག་བརྙན་ཆུང་ཆུང་འདི་ནི་༼ཁྱེད་ཀྱི་ཐོབ་ཐང་ཤེས་དགོས།༽ཟེར་བའི་ལས་གཞི་ཡི་ལས་དོན་རྣམ་གྲངས་ཤིག་ཡིན། བརྙན་ཆུང་འདི་ལ་ཁྱོན་བསྡོམས་ལེའི་ལྔའི་ནང་ནས་གསུམ་པ་ འཛིན་བཟུང་དང་ཁྲིམས་བཤེར་སྐོར་ཡིན། དྲ་གྲོགས་རྣམ་པ་དུས་ལྟར་ཁྲིམས་གླེང་གི་དྲ་ཚིགས་ལ་ཕེབས་ནས་གློག་བརྙན་འདིར་གཟིགས་པར་སྤྲོ་བསམ་འཁོལ་བའི་ངང་ནས་དགའ་བསུ་ཞུ།

ཁྲིམས་སྐྱོང་ཞེས་བ་ཅི་ཞིག་ཡིན།

ཨ་རིན་གྱིས་བསྒྱུར། ནམ་མཁས་མཚམས་སྦྱོར་བྱས།